བོད་ཀྱི་བླ་ཆེན་བཀུར་འོས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༣ པའི་ཟླ་མཇུག་ཏུ་ཝི་ཏི་ནམ་གྱི་གྲོང་ཁྱེར་ཧོ་ཅི་མིན་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་རྐྱེན་འདས་སུ་གྱུར་ཡོད།
དགུང་གྲངས་ ༥༦ ལ་ཕེབས་པའི་བོད་ཀྱི་སྙན་གྲགས་ཆེ་བའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་རྒྱ་ནག་གི་དཔོན་རིགས་ཚོས་ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ནང་འདྲི་གཅོད་བྱས་རྗེས་ཝི་ཏི་ནམ་དུ་གསང་སྟབས་ཀྱིས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། དེ་ཡང་རྒྱ་ནག་གཞུང་གིས་འདྲི་གཅོད་བྱེད་དོན་ནི་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་རྒྱ་ནག་གི་འདོད་བློ་ལྟར་སྣེ་ལེན་བྱས་མེད་པ་དང་། ཁོང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྒེར་གྱི་སློབ་གྲྭ་སོགས་བརྒྱུད་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་དང་འབྲེལ་བ་ཡོད་ཚུལ་བཤད་ཡོད།
ཁོང་ནི་ཕྱི་ལོ་ ༢༠༢༥ ཟླ་ ༣ པའི་ཟླ་མཇུག་ཏུ་ཝི་ཏི་ནམ་གྱི་ཉེན་རྟོག་པ་དང་རྒྱ་ནག་གི་ལས་བྱེད་ཚོ་མཉམ་འབྲེལ་གྱིས་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་པའི་སྐབས་དེ་ག་བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།
དོགས་གཞི་ཅན་གྱི་གནས་ཚུལ་དེར་ང་ཚོས་ཧ་ཅང་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པས་ཝི་ཏི་ནམ་གཞུང་ནས་ལན་འདེབས་དགོས་ཀྱི་ཡོད།
ཝི་ཏི་ནམ་གཞུང་གིས་ཁོང་གི་རྐྱེན་འདས་སྐོར་ལ་རང་དབང་ཅན་གྱི་ཞིབ་དཔྱོད་ཆ་ཚང་བ་ཞིག་བྱེད་དགོས་པ་དང་། ཁོང་གི་སྐུ་ཕུང་ནང་མི་ཚོར་འཕྲལ་དུ་རྩིས་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཞུ་བར་ཁྱེད་རང་ང་ཚོ་དང་མཉམ་དུ་མཉམ་ཞུགས་གནང་རོགས།
ད་ལྟ་ལས་འགུལ་སྤེལ་རོགས། མཛུབ་གནོན་ཐེངས་གཅིག་གིས་འཕྲིན་ཡིག་གཏོང་ཡུལ།
• ཝི་ཏི་ནམ་གྱི་སྲིད་བློན།
• ཝི་ཏི་ནམ་གྱི་ཕྱི་སྲིད་བློན་ཆེན།
• ཝི་ཏི་ནམ་གྱི་ནང་སྲིད་བློན་ཆེན།
• ཝི་ཏི་ནམ་གྱི་ཁྲིམས་དཔོན།